ངོ་འཕྲད་བདེ་བའི་དྲ་འབྲེལ།

དབུས་ཨ་མི་རི་ཀའི་གླིང་ཆེན་གྱི་རྒྱལ་ཁབ་ཝེ་ཎེ་ཛུ་ལར་མི་དམངས་ཀྱིས་གཞུང་ལ་ཉིན་ལྟར་ངོ་རྒོལ་ཁྲོམ་སྐོར་བྱས་ཏེ། ད་ལྟ་རྒྱལ་ཁབ་དེར་ཞི་བདེ་བརྟན་ལྷིང་མེད་པར་གཡོ་འགུལ་ཆེན་པོ་ཞིག་ཐེབས་བཞིན་ཡོད་ཅིང་། ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་མར་ཁེ་སི་ནོ་ཝི་སིས་གནས་ཚུལ་སྤེལ་པ་ལྟར་ན། ཝེ་ཎེ་ཛུ་ལར་རྡོ་སྣུམ་གྱི་རང་བྱུང་གཏེར་ཁ་ཕྱུག་པོ་ཡོད་ཀྱང་རྒྱལ་ཁབ་དེའི་མི་དམངས་ལ་དཔལ་འབྱོར་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་པའི་སྐོར། ཚེ་བརྟན་དབང་ཕྱུག་ལགས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།
XS
SM
MD
LG