ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༥/༠༦/༡༣

ལྦེ་ནེ་ཙུའེ་ལ་ཡུལ་གྱི་ཆབ་སྲིད་ཀྱི་གནས་སྟངས་ཛ་དྲག་ཏུ་སོང་ཡོད་པ།


དེང་སྐབས་ལྷོ་ཨ་མི་རི་ཀའི་གླིང་ཆེན་ནང་ཡོད་ལྦེ་ནེ་ཙུའེ་ལ་ཡུལ་གྱི་དཔལ་འབྱོར་དང་ཆབ་སྲིད་ཀྱི་གནས་སྟངས་གཉིས་ཀའི་ཐད་དཀའ་རྙོག་ཇི་ཆེར་འགྲོ་གི་ཡོད་པའི་སྐབས་འདིར་ ཡུལ་གྱི་སྲིད་འཛིན་གྱིས་རྒྱལ་ནང་བཟོ་གྲྭ་ མང་པོ་སྒོ་བརྒྱབ་པ་དེ་ཚོ་ཚང་མ་གཞུང་གིས་བཙན་བཟུང་བྱ་རྒྱུ་ཡིན་ཞེས་དང་། དེ་བཞིན་བཟོ་གྲྭའི་བདག་པོ་ཁག་དང་། སྲིད་གཞུང་མགོ་གཏིང་རློག་རྒྱུར་ངན་བྱུས་གཤོམ་མཁན་དེ་རིགས་ཚང་མ་དོ་དམ་བཙོན་འཇུག་བྱེད་ཀྱི་ཡིན་ ཞེས་གསུང་བའི་རྗེས་་ཁུལ་དེའི་གནས་སྟངས་ཚབས་ཆེར་སོང་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་འཕྲིན་ཁག་ནང་ཐོན་པའི་གནས་ཚུལ་དེ་གསན་རོགས་གནང་།

XS
SM
MD
LG