ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཏ་ལི་བྷན་གྱིས་ཡུ་གུར་བ་ཚོ་རྒྱ་ནག་ལ་རྩིས་སྤྲོད་བྱ་རྒྱུའི་ཉེན་ཁ།


༄༅།། དེང་སྐབས་ཨབ་གྷ་ཎི་སི་ཐན་ལ་ཞིན་ཅང་གི་ཡུ་གུར་བ་ཉིས་སྟོང་ཡས་མས་ཤིག་གནས་སྡོད་བྱེད་བཞིན་ཡོད་ཅིང་། ཁོ་ཚོ་མང་ཆེ་ཤོས་ཤིག་ནི་དེ་སྔོན་རྒྱ་ནག་ནས་བཙན་བྱོལ་དུ་འབྱོར་བའི་ཡུ་གུར་བའི་མི་ཐོག་གཉིས་པ་ཡིན་ཞིང་། ཡུ་གུར་བ་དེ་དག་ལ་ཨབ་གྷ་ཎི་སི་ཐན་གྱི་གཞུང་གིས་སྤྲད་པའི་ཐོབ་ཐང་ཡིག་ཆའི་ནང་དུ་ཡུ་གུར་བའམ། ཡང་ན་རྒྱ་ནག་ནས་འབྱོར་བའི་སྐྱབས་བཅོལ་བ་ཞེས་བཀོད་ཡོད་པས་ཨ་རིའི་དམག་དཔུང་ཨབ་གྷ་ཎི་སི་ཐན་ནས་ཕྱིར་འཐེན་བྱས་པའི་རྗེས་སུ་རྒྱ་ནག་གིས་དེའི་ཚབ་ཤུལ་བཟུང་ནས་སྟོབས་ཤུགས་རྒྱ་སྐྱེད་གཏང་རྒྱུ་དང་རྒྱལ་ཁབ་དེར་གནས་འཁོད་ཡུ་གུར་བ་ཚོར་རྡུང་རྡེག་གཏོང་རྒྱུ། མདོར་ན་ཏ་ལི་བྷན་ཤོག་ཁག་གིས་ཡུ་གུར་བ་དེ་རྣམས་རྒྱ་ནག་ལ་རྩིས་སྤྲོད་བྱེད་སྲིད་པའི་ཉེན་ཁ་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་ལམ་ཁག་ལ་ཐོན་པའི་གནས་ཚུལ་རྣམས་ཚེ་རིང་དབང་མོས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG