ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

དར་སྲོལ་ཆེ་བའི་བརྙན་འཕྲིན་དང་དོན་གཉེར་བས་མནར་གཅོད་སྔོན་འགོག་བྱ་རྒྱུ


ཕྱིས་འབྱུང་ཞི་བའི་མི་མང་ལ་དྲག་རྩུབ་ཀྱི་བྱ་སྤྱོད་སྔོན་འགོག་བྱ་རྒྱུའི་ཐབས་ལམ་ལ་ དར་སྲོལ་ཆེ་བའི་བརྙན་འཕྲིན་ཁག་དང་ ས་གནས་ཀྱི་དོན་གཉེར་བ་ནུས་ཤུགས་ཆེ་རུ་གཏོང་རྒྱུ་ དེ་བཞིན་རྒྱལ་སྤྱིའི་ནང་བཟང་སྤྱོད་ཀྱི་རིན་ཐང་གོང་མཐོར་གཏང་རྒྱུའི་སྐོར་ རྒྱལ་ས་ཝ་ཤིང་ཀྲོན་ནང་ཡོད་པའི་ལྷན་ཚོགས་ཤིག་གིས་གྲོས་བསྡུར་གནང་ཡོད་པ་དང་ ཁ་ཉིན་རེས་གཟའ་སྤེན་པའི་ཉིན་ཇོརཇ་ཝ་ཤིང་ཀྲོན་གཙུག་ལག་སློབ་གྲ་ཆེན་མོའི་ནང་བགྲོ་གླེང་གནང་བའི་གནད་དོན་སྐོར་འདི་ག་ཝི་ཨོ་ཨེ་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་ནི་ཀོ་ཀོ་ལོམ་བྷེནཌ་གྱིས་སྤེལ་བའི་གནས་ཚུལ་དེ་ནམ་མཁའ་མཁའ་བསྟན་འཛིན་གྱིས་ཕབ་བསྒྱུར་དང་སྙན་སྒྲོན་ཞུ་གི་རེད།

XS
SM
MD
LG