ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཨ་རི་དང་ཉི་ཧོང་གི་དམག་དོན་གྲོས་མཐུན།


ཨ་མི་རི་ཀའི་མཚོ་དམག་སྟོང་ཕྲག་དགུ་ལྷག་ཉི་ཧོང་གི་ཨོ་ཁི་ཎ་ཝ་མཚོ་གླིང་དུ་ཡོད་པ་རྣམས་གནས་སྤོར་བྱ་རྒྱུར་རྒྱལ་ཁབ་གཉིས་ཀྱིས་གྲོས་མཐུན་ཞིག་ལ་མཚན་རྟགས་བཀོད་ཡོད་ཅིང་། ཨ་མི་རི་ཀའི་རྒྱལ་སྲུང་དྲུང་ཆེ་ལྷོ་ཨ་མེ་རི་ཀའི་རྒྱལ་ཁབ་ཆི་ལིའི་རྒྱལ་ས་སན་ཌི་ཡ་གྷོར་འཚམས་འདྲིར་ཕེབས་ཏེ། ཉི་ཧོང་གི་ས་ཐོག་ཏུ་ཡོད་པའི་ཨ་མི་རི་ཀའི་མཚོ་དམག་ཕལ་ཆེ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་ས་གནས་གཞན་ལ་གནས་སྤོར་བྱ་ཐུབ་པ་དེར་དགའ་བསུའི་རྟེན་འབྲེལ་ཞུས་འདུག་པའི་སྐོར། ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་ལིའུ་ཝེ་སི་ར་མ་རི་ཟ་ཡིས་སན་ཌི་ཡ་གྷོ་ནས་བཏང་བའི་གནས་ཚུལ་དེ་ཚེ་རིང་སྐྱིད་ཀྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།

XS
SM
MD
LG