ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

རྒྱ་ནག་དང་ཨ ་རིའི་འགྲོ་བ་མིའི་ཐོབ་ཐང་།


རྒྱ་ནག་དང་ཨ་མེ་རི་ཀས་འགྲོ་བ་མིའི་ཐོབ་ཐང་གི་གྲོས་མོལ་བྱ་འཆར་ཡོད་ཀྱང་། འགྲོ་བ་མིའི་ཐོབ་ཐང་ནི་རྒྱལ་ཁབ་སོ་སོའི་ཁྲིམས་ལུགས་མི་འདྲ་བ་དང་འབྲེལ་བ་ཡོད་ཅིང་། རྒྱལ་ཁབ་གཞན་གྱིས་འགྲོ་བ་མིའི་ཐོབ་ཐང་ལ་ཁ་གཡར་ནས་རྒྱ་ནག་གི་ནང་སྲིད་ལ་ཐེ་གཏོགས་བྱེད་ཚེ། ང་ཚོས་དེ་ལ་ངོ་རྒོལ་བྱེད་རྒྱུ་ཡིན་ཞེས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གྱིས་བཤད་ཡོད་པ་མ་ཟད། ཟླ་བ་རྗེས་མར་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཕྱོགས་གཉིས་ཀྱི་མཐོ་རིམ་འགོ་ཁྲིད་ཚོ་ལྷན་འཛོམས་བྱས་ནས་འགྲོ་བ་མིའི་ཐོབ་ཐང་ལ་གྲོས་མོལ་བྱ་རྒྱུ་ཡིན་པ་སོགས་ཀྱི་སྐོར། པེ་ཅིང་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་སི་ཊིབ་ཎི་ཧོ་ཡིས་བཏང་ཡོང་བ་ཞིག་ཚེ་རིང་སྐྱིད་ཀྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།

XS
SM
MD
LG