ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༣/༠༣/༣༠

མི་རི་ཀ་དང་ལྷོ་ཀོ་རི་ཡ། ཉི་ཧོང་བཅས་ཀྱི་མཉམ་འབྲེལ་དམག་རུབ་ཀྱི་དམག་སྦྱོང་།


མི་རི་ཀ་དང་ལྷོ་ཀོ་རི་ཡ། ཉི་ཧོང་བཅས་ཀྱི་མཉམ་འབྲེལ་དམག་རུབ་ཀྱི་དམག་སྦྱོང་།

ཨ་མི་རི་ཀ་དང་ལྷོ་ཀོ་རི་ཡས་མུ་མཐུད་ནས་མཉམ་འབྲེལ་དམག་སྦྱོང་བྱ་རྒྱུའི་མོས་མཐུན་བྱས་ཡོད་པ་དེའི་དམིགས་ཡུལ་དེ་ནི། ཟླ་བ་སྔོན་མར་ལྷོ་ཀོ་རི་ཡའི་ཡུང་བེ་འོང་གླིང་ཕྲན་ལ་བྱང་ཀོ་རི་ཡས་མེ་སྒྱོགས་བརྒྱབ་པ་དེར་ཡ་ལེན་སློག་པའི་ཆེད་ཡིན་ཞིང་།

དེ་རིང་གཟའ་ལྷག་པའི་ཉིན་ཨ་མི་རི་ཀའི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པས་ལྷོ་ཀོ་རི་ཡའི་རྒྱལ་སར་མཐུན་གྲོགས་རྒྱལ་ཁབ་གཉིས་ཀྱི་རྒྱལ་སྲུང་ལྷན་ཁང་གི་མཐོ་རིམ་དཔོན་རིགས་རྣམས་ལ་གྲོས་མོལ་གནང་སྟེ། ཁོང་གིས་རྒྱ་ནག་གཞུང་དང་བྱང་ཀོ་རི་ཡར་དམིགས་བསལ་གྱི་འབྲེལ་བ་ཡོད་པས་པེ་ཅིང་གི་དབང་འཛིན་པ་ཚོས་རང་ལ་ཤུགས་རྐྱེན་ཡོད་པའི་ལས་འགན་ཁུར་ནས་བྱང་ཀོ་རི་ཡར་གནོན་ཤུགས་སྤྲོད་དགོས་ཞེས་གསུངས་འདུག

XS
SM
MD
LG