ངོ་འཕྲད་བདེ་བའི་དྲ་འབྲེལ།

སྲིད་འཛིན་གཞོན་པའི་འོས་མིའི་རྩོད་གླེང་།


རེས་གཟའ་ཕུར་བུའི་དགོང་མོར་ཨ་མི་རི་ཀའི་སྲིད་འཛིན་གཞོན་པ་ལས་ཐོག་འཇོ་བ་ཡེ་ཌན་དང་། སྤྱི་མཐུན་ཚོགས་པའི་སྲིད་འཛིན་གཞོན་པའི་འོས་མི་ཕོལ་ར་ཡན་གཉིས་ཀྱིས་རྩོད་གླེང་བྱས་ཏེ།

ཕྱི་ཟླ་༡༡་པའི་ཚེས་༦ཉིན་གྱི་སྲིད་འཛིན་འོས་འདེམས་སྐབས་སུ་གཞུང་འཛིན་དམངས་གཙོ་ཚོགས་པར་བསྐྱར་དུ་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་ཚེ། ཨ་རིའི་རྒྱལ་ཁབ་དང་ཨ་མི་རི་ཀའི་མི་དམངས་ལ་ཕན་གནོད་ཅི་ཞིག་འབྱུང་རྒྱུ་ཡིན་མིན་དང་། སྲིད་དོན་ཚོགས་པ་སོ་སོའི་རང་གི་ལངས་ཕྱོགས་དང་འཆར་གཞི། སྲིད་འཛིན་གཙོ་གཞོན་གྱི་འོས་མི་སོ་སོར་སྒེར་གྱི་འཇོན་ཐང་དང་ཉམས་མྱོང་ཅི་ཡོད་སོགས་ལ་རྩོད་གླེང་ལྷུག་པོ་བྱས་ཡོད་པའི་སྐོར། ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་ཌན་རོ་བིན་སན་གྱིས་སྤེལ་བའི་གནས་ཚུལ་དེ་ཚེ་བརྟན་ཆོས་སྒྲོན་གྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG