༄༅།། རྒྱ་ནག་གཞུང་གིས་རྟག་ཏུ་ཐེ་ཝན་སོགས་རྒྱལ་ཁབ་འགའ་ཞིག་ཁོ་ན་མིན་པར་ཨ་མི་རི་ཀའི་བདེ་འཇགས་ལའང་འཆར་གཞི་དང་གོ་རིམ་ལྡན་པའི་སྒོ་ནས་ཉེན་ཁ་འབྱུང་གི་ཡོད་ཅིང་། ཨ་རིའི་སྤྱི་མཐུན་ཚོགས་པའི་གནད་ཡོད་ཚོགས་མི་མང་པོ་ཞིག་གིས་རྒྱ་ནག་གི་ཉེན་ཁ་དེར་ཁ་གཏད་གཅོག་དགོས་ཀྱི་འདུག་ཅེས་གླེང་སློང་ཤུགས་ཆེན་བྱེད་ཀྱི་ཡོད་པའི་རྐྱེན་གྱིས་ཨ་རིའི་སྲིད་ཇུས་ཉམས་ཞིབ་ཁང་གསར་པ་ཞིག་གིས་རྒྱ་ནག་ལ་གདོང་ལེན་དང་ཁ་གཏད་གཅོག་རྒྱུའི་ལས་མགོ་བརྩམས་ཡོད་པའི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་ཁག་ཅིག་བསྟན་འཛིན་ལྷུན་གྲུབ་ལགས་ཀྱིས་སྙན་སྒྲོན་ཞུ་གནང་གི་རེད།།