ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༥/༠༦/༡༩

ཨ་རིའི་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་ལྕམ་གྷིང་སེ་བྷེག་སྐུ་ཚེ་མ་ཟིན་པ།


ཨ་མི་རི་ཀའི་དབུས་ཆེས་མཐོའི་ཁྲིམས་ཁང་ནང་བུད་མེད་ཀྱི་ཁྲིམས་ཞིབ་པ་གཉིས་པ་ཆགས་པའི་ལྕམ་གྷིང་སེ་བྷེག་ནི་བུད་མེད་ཀྱི་ཁྲིམས་ཞིབ་པ་ཉུང་ཤས་ལས་མེད་པའི་སྐབས་དེར་ཁྲིམས་ལུགས་ཚན་པའི་ཆེད་ལས་ནང་འཛུལ་ཞུགས་གནང་ཡོད་པ་དང་། ཁྲིམས་དང་འབྲེལ་བའི་ཕོ་མོ་འདྲ་མཉམ་གནས་སྟངས་ཡར་རྒྱས་གཏོང་རྒྱུའི་ཕྱག་ལས་ནང་ཞུགས་ཡོད་ལ། གུ་ཡངས་དང་ཡར་ཐོན་ཅན་གྱི་ཁོར་ཡུག་ནང་ཁོང་སྙན་གྲགས་ལྡན་པའི་མི་སྣ་ཞིག་ཏུ་གྱུར་ཡོད། ཁོང་ནི་སྤྱི་ལོ་༡༩༣༣ཟླ་༥ཚེས་༡༥ཉིན་གྲོང་ཁྱེར་ནིའུ་ཡོག་ནང་འཁྲུངས་པ་དང་སྤྱི་ལོ་༢༠༢༠ཟླ་༩ཚེས་༡༨ཉིན་རྒྱལ་ས་ཝ་ཤིང་ཀྲོན་དུ་དགུང་གྲངས་༨༧ལ་སྐུ་ཚེའི་འཕེན་པ་རྫོགས་ཡོད་པའི་སྐོར་གསར་ཤོག་ཁག་ནང་ཐོན་པའི་གནས་ཚུལ་ནམ་མཁའ་བསྟན་འཛིན་ལགས་ཀྱིས་ཕྱོགས་སྒྲིག་སྙན་སྒྲོན་ཞུས་གནང་གི་རེད།


XS
SM
MD
LG