ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

ཨ་རིའི་གྲོས་ཚོགས་འཐུས་མི་ཚོས་ཕྱི་སྲིད་དྲུང་ཆེར་བོད་དོན་སྙན་ཞུ།


ཨ་མི་རི་ཀའི་གྲོས་ཚོགས་གོང་མའི་འཐུས་མི་༢༡་གིས་མིང་རྟགས་བཀོད་པའི་སྙན་ཞུ་ཞིག་ཕྱི་སྲིད་དྲུང་ཆེ་འཇཱོན་ཁེ་རི་ལ་ཕུལ་ཡོད་ཅིང་། སྙན་ཞུ་དེར་ཕྱི་སྲིད་དྲུང་ཆེ་ཁེ་རི་པེ་ཅིང་ལ་འཚམས་འདྲིར་ཕེབས་པའི་གོ་སྐབས་བསྟུན་ཏེ། ཁོང་གིས་ཡུན་རིང་ནས་ཐུགས་སྣང་གནང་སའི་རྩ་དོན་དང་། ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་རིམ་པ་ཞིག་གིས་ལམ་སྲོལ་གཏད་ཡོད་པ་གཞི་རྩར་བཟུང་ནས་རྒྱ་ནག་གི་འགོ་ཁྲིད་ཚོར་བོད་ནང་གི་གནས་སྟངས་དེ་ཉིད་ཁ་ཡོད་ལག་ཡོད་ཀྱིས་ཡར་རྒྱས་གཏོང་དགོས་ཞེས་བཀའ་མོལ་ནན་པོ་གནང་དགོས་པ་དང་། ཕྱི་སྲིད་དྲུང་ཆེ་གང་ཉིད་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ཚོགས་ཆུང་གི་འཐུས་མི་གནང་བའི་རིང་དེར་ཨ་མི་རི་ཀས་བོད་ལ་འཛིན་པའི་སྲིད་ཇུས་མང་དག་ཅིག་གཏན་འབེབས་བྱས་ཡོད་པ་མ་ཟད། བོད་པའི་གནས་སྟངས་ལ་ཕན་པའི་ལས་གཞི་ཡང་མང་དག་ཅིག་བརྩམས་ཡོད། ཨ་རིའི་གྲོས་ཚོགས་ཀྱིས་གཏན་འབེབས་བྱས་པའི་བོད་དོན་སྲིད་ཇུས་དང་ལས་གཞི་ཁག་གིས་བོད་པའི་ཆོས་དང་རིག་གཞུང་། བོད་མི་རིགས་ཀྱི་ངོ་བོ་བཅས་པ་གཅེས་འཛིན་བྱ་རྒྱུར་དགེ་མཚན་ཆེན་པོ་བྱུང་ཡོད་པ་དང་། ད་ལྟ་ཕྱི་སྲིད་དྲུང་ཆེས་རྒྱ་ནག་གི་འགོ་ཁྲིད་ཚོར་བོད་དོན་ཐག་གཅོད་ཀྱི་གྲོས་མོལ་བྱེད་དགོས་པའི་གནོན་ཤུགས་སྤྲོད་དགོས་ཞེས་བཀོད་ཡོད་པ་རེད།།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG