ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཨ་རིས་དམངས་གཙོའི་ཚོགས་ཆེན་ཐོག་ཐའེ་ཝན་གྱི་སྐུ་ཚབ་གདན་འདྲེན་བྱ་རྒྱུའི་ཁས་ལེན།


ཨ་རིའི་ཕྱི་སྲིད་དྲུང་ཆེ་བྷི་ལན་ཁིན་གྱིས་སྤྱི་ཟླ་༣་པའི་ཚེས་༡༠སྟེ། རེས་གཟའ་ལྷག་པའི་ཉིན་ལ་གྲོས་ཚོགས་འོག་མའི་ནང་སྐོང་འཚོགས་གནང་བའི་སྙན་ཞུའི་ཚོགས་འདུ་ཞིག་གི་ཐོག་ཏུ། མི་རིང་བར་ཨ་རིར་འཚོགས་འཆར་ཡོད་པའི་འཛམ་གླིང་དམངས་གཙོའི་རྒྱལ་ཁབ་དག་གི་ལྷན་འཛོམས་ཀྱི་ཚོགས་ཆེན་སྟེང་ཐའེ་ཝན་གྱི་སྐུ་ཚབ་མི་སྣ་གདན་འདྲེན་ཞུ་རྒྱུའི་ཁས་ལེན་གནང་ཡོད་པ་དང་། ཁོང་གིས་ཐེ་ཝན་ནི་དམངས་གཙོའི་ལམ་ལུགས་འཐུས་སྒོ་ཚང་ལ། ནུས་སྟོབས་དང་ལྡན་པའི་རྒྱལ་ཁབ་ཞིག་ལ་ངོས་འཛིན་གནང་འདུག་པ་དང། ཐེ་ཝན་གྱི་ཕྱོགས་ནས་ཀྱང་ཇཱོ་བྷ་ཌན་འཛིན་སྐྱོང་གཞུང་གིས་ཐེ་ཝན་ལ་རྒྱབ་སྐྱོར་གནང་བ་དང་ཐེ་ཝན་དེ་རྒྱབ་ཁབ་ཅིག་ཡིན་པ་ལས་རྒྱ་ནག་གི་ཞིང་ཆེན་ཞིག་མིན་པ་གསལ་སྟོན་གནང་བར་ཐུགས་རྗེ་ཆེ་ཞུས་འདུག་པ་བཅས་ཀྱི་གནས་ཚུལ་ཁག་ཚེ་རིང་དབང་མོས་ཕབ་སྒྱུར་གྱིས་སྙན་སྒྲོན་ཞུས་ཡོད།


XS
SM
MD
LG