ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཨ་རྒྱའི་ཕྱི་སྲིད་བློན་ཆེན་སོགས་ཐུག་འཕྲད་བྱ་འཆར།


༄༅།། ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་གཟའ་ལྷག་པའི་ཉིན་མོར་ཁྱབ་བསྒྲགས་བྱས་པ་ལྟར་ན། བདུན་ཕྲག་རྗེས་མར་ཨ་རིའི་ཨཱ་ལ་སི་ཁ་མངའ་སྡེར་ཨ་རིའི་ཕྱི་སྲིད་དྲུང་ཆེ་བྷ་ལིན་ཁེན་དང་ཕོ་བྲང་དཀར་པོའི་བརྒྱལ་ཡོངས་བེད་འཇགས་སློབ་སྟོན་པ་སཱུ་ལི་ཝྭན་རྣམ་གཉིས་ཀྱིས་རྒྱ་ནག་གི་ཕྱི་བློན་ཆེན་ཝང་དབྱི་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སློབ་སྟོན་པ་དབྱང་ཅེ་ཊི་གཉིས་ལ་ཐུག་འཕྲད་གྲོས་མོལ་གནང་རྒྱུའི་གསལ་བསྒྲགས་སྤེལ་ཡོད་ཅིང་། འདི་ནི་སྲིད་འཛིན་ཇཱོ་བྷ་ཌན་གྱི་གཞུང་འཛིན་ལྷན་ཁང་གི་མཐོ་རིམ་ལས་སྣེ་ཚོས་རྒྱ་ནག་གི་མཐོ་རིམ་གཞུང་འཛིན་པར་ཐུག་འཕྲད་ཐེངས་དང་པོ་དེར་འགྱུར་རྒྱུ་ཡིན་པ་སོགས་གནས་ཚུལ་ཐོན་པ་ཁག་པ་སངས་དབྱངས་སྐྱིད་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG