ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨ་རིའི་ཕྱི་སྲིད་དྲུང་ཆེས་ཡུ་གུར་བ་ཁག་ཅིག་ལ་མཇལ་འཕྲད།


༄༅།། ཐེ་ཝན་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་ཕྱི་སྲིད་དྲུང་ཆེ་བྷ་ལིན་ཁེན་གྱིས་ཕྱི་ཟླ་༧་པའི་ཚེས་༦་སྟེ། རེས་གཟའ་མིག་དམར་ཉིན་དྲྭ་ལམ་དུ་ཞིན་ཅང་གི་བཀག་ཉར་ཁང་དུ་ཚུད་མྱོང་མཁན་གྱི་ཡུ་གུར་བ་བདུན་ལ་མཇལ་འཕྲད་གནང་སྟེ་རྒྱ་ནག་གི་དབང་སྒྱུར་འོག་ཏུ་སྡུག་སྦྱོང་མནར་གཅོད་ཕོག་པའི་ཉམས་མྱོང་དང་རྒྱ་ནག་གཞུང་གིས་ཞིན་ཅང་ལ་དམ་དྲག་བྱེད་ཀྱི་ཡོད་པ་ལྷོད་ཡངས་འཐོབ་ཐབས་ཅི་ཞིག་ཡོད་མེད་ཀྱི་བསམ་འཆར་སོགས་ལ་རྒྱུས་ལོན་གནང་འདུག ཡང་ཉིན་དེར་ཕྱི་སྲིད་དྲུང་ཆེ་བྷ་ལིན་ཁེན་གྱིས་༧གོང་ས་ཏཱ་ལའི་བླ་མ་མཆོག་དགུང་གྲངས་༨༦་ལ་ཕེབས་པའི་སྐུའི་འཁྲུངས་སྐར་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུས་འདུག་པ་བཅས་ཀྱི་སྐོར། ཚེ་རིང་དབང་མོས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG