ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༥/༠༣/༢༦

ལྷོ་ཀོ་རི་ཡ་དང་ཉི་ཧོང་གི་གྲོས་མཐུན་སོར་གནས་དགོས།


༄༅།། ཨ་མི་རི་ཀའི་དམག་དོན་སྤྱི་ཁྱབ་ཆེ་མོས་དེ་སྔ་ལྷོ་ཀོ་རི་ཡ་དང་ཉི་ཧོང་གཉིས་ཀས་ཕན་ཚུན་དམག་དོན་གྱི་གསང་བའི་གནས་ཚུལ་སྤྲོད་རེས་བྱ་རྒྱུའི་གྲོས་མཐུན་ཞིག་བཞག་ཡོད་པ་སོར་གནས་ཐུབ་དགོས། ལྷོ་ཀོ་རི་ཡ་གྲོས་མཐུན་དེའི་ཁོངས་ནས་ཕྱིར་འཐེན་མི་བྱེད་པའི་རེ་བ་ཡོད་ཅེས་སྐུལ་ལྕག་བཏང་ཡོད་ཅིང་། འདི་ནི་ཨ་མི་རི་ཀའི་མཐུན་ཕྱོགས་རྒྱལ་ཁབ་གཉིས་ཀྱིས་མིང་རྟགས་བཀོད་པའི་གྲོས་མཐུན་དེའི་དུས་ཡུན་ཚང་རྒྱུ་དེར་ཉིན་ཤས་ལས་མེད་པའི་སྐབས་སུ་ཨ་མི་རི་ཀས་དེ་ལྟར་འབོད་སྐུལ་ཞུས་པ་ཞིག་ཡིན་པའི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་རྣམས་དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG