ངོ་འཕྲད་བདེ་བའི་དྲ་འབྲེལ།

ཀུ་ཤུ་ཚགས་པར་ལ་གསེར་གྱི་རྟགས་མ་སྤྲོད་རྒྱུའི་གྲོས་གཞི་བཏོན།


༄༅།། ཨ་མི་རི་ཀའི་སྤྱི་མཐུན་ཚོགས་པའི་གྲོས་ ཚོགས་འཐུས་མི་ཚོས་ཧོང་ཀོང་གཞུང་གིས་སྒོ་རྒྱག་ཏུ་བཅུག་པའི་ཀུ་ཤུ་ཉིན་རེའི་ཚགས་པར་ཁང་གི་ལས་བྱེད་པ་ཡོངས་ལ་ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་རྟགས་མ་འབུལ་དགོས་པའི་གྲོས་གཞི་བཏོན་ཡོད་ཅིང་། པེ་ཅིང་གི་དམར་ཤོག་དབང་འཛིན་པ་ཚོས་ཧོང་ཀོང་གི་གསར་འགོད་རང་དབང་བཙན་འཕྲོག་བྱས་པར་ཨ་མི་རི་ཀས་ལན་འདེབས་བྱེད་དགོས་པའི་ནན་སྐུལ་བྱས་འདུག ཕྱི་ཟླ་༦་པའི་ཚེས་༢༤་སྟེ། རེས་གཟའ་ཕུར་བུ་ནས་ཧོང་ཀོང་གི་ཀུ་ཤུ་ཉིན་རེའི་ཚགས་པར་ལོ་༢༦་གི་རྗེས་སུ་དཔར་འགྲེམ་བྱ་རྒྱུ་མཚམས་བཞག་ཡོད་པའི་སྐོར། ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པས་སྤེལ་བའི་གནས་ཚུལ་དེ་བདེ་ཆེན་རྒྱ་མཚོས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG