ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨ་རི་དང་རྒྱ་གར་གྱི་རྒྱལ་སྲུང་མཉམ་འབྲེལ་རྒྱ་བསྐྱེད།


ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་ལ་གྲོས་ཚོགས་ཀྱི་ཉེས་འཛུགས་སོགས་ཀྱིས་རྐྱེན་པས་རྒྱལ་ནང་གི་ཆབ་སྲིད་ཐད་དུ་ལས་དོན་འཐུས་ཤོར་འགྲོ་སྲིད་པ་མང་པོ་ཞིག་ཡོད་ཀྱང་དེ་ལ་མགོ་བོ་མི་འཁོར་པར་རྒྱལ་ཁབ་ཀྱི་ལས་དོན་གཙིགས་སུ་འཛིན་རྒྱུའི་དམ་བཅག་བཞག་སྟེ། ཨ་རིའི་ཊམ་སྲིད་གཞུང་དང་རྒྱ་གར་གྱི་མོ་དྷོའི་སྲིད་གཞུང་གི་བློན་ཆེན་ཚོས་འབྲེལ་ཡོད་རྒྱལ་ཁབ་གཉིས་ཀྱི་མངའ་ཁུལ་ཁག་དང་འཛམ་གླིང་ཁྱོན་ཡོངས་ཀྱི་བདེ་འཇགས་སྲུང་སྐྱོབ་ལ་ཉེན་ཁ་ཡོད་པ་རྣམས་སེལ་ཐབས་བྱ་རྒྱུ། མཚོ་ཁུལ་གྱི་བདེ་འཇགས་སྲུང་སྐྱོབ་ཀྱང་ཤུགས་ཆེ་རུ་གཏོང་རྒྱུར་རྒྱལ་ཁབ་གཉིས་ཀྱི་རྒྱལ་སྲུང་དང་བདེ་འཇགས་སྲུང་སྐྱོབ་མཉམ་འབྲེལ་བྱ་རྒྱུ་རྒྱ་བསྐྱེད་གཏོང་དགོས་པའི་གྲོས་མཐུན་བྱུང་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་ལམ་ཁག་ལ་ཐོན་པའི་གནས་ཚུལ་རྣམས་ནམ་མཁའ་བསྟན་འཛིན་གྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG