ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

དམངས་གཙོ་ཚོགས་པའི་རྒྱས་འཛོམས་ཚོགས་ཆེན་ཉིན་དང་པོ།


༅།། ཁ་སང་ཕྱི་ཚེས་༡༧་ཏེ། རེས་གཟའ་ཟླ་བའི་དགོང་མོར་ཨ་མི་རི་ཀའི་དམངས་གཙོ་ཚོགས་པས་སྲིད་འཛིན་དང་སྲིད་འཛིན་གཞོན་པའི་འོས་མི་གཉིས་དངོས་སུ་འདེམས་བསྐོ་བྱ་རྒྱུ་དེར་ཉིན་བཞིའི་རིང་གི་རྒྱས་འཛོམས་ཚོགས་ཆེན་ཉིན་དང་པོ་ཚོགས་ཡོད་ཅིང་། མདང་དགོང་སྲིད་འཛིན་ཟུར་པ་ཨོ་བྷ་མའི་ཆུང་མ་གཙོས་གྲོས་ཚོགས་འཐུས་མི་དང་གནད་ཡོད་མི་སྣ་ཁག་གིས་ད་ལྟའི་ཨ་རིའི་སྲིད་གཞུང་གི་ལས་དོན་སྒྲུབ་ཕྱོགས་ལ་སྐྱོན་བརྗོད། དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ཇཱོ་བྷ་ཌན་ལ་རྒྱབ་སྐྱོར་བྱ་དགོས་པའི་ནན་སྐུལ་ཞུས་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་ལམ་ཁག་ལ་ཐོན་པའི་གནས་ཚུལ་རྣམས་ཚ་བརྟན་ཆོས་སྒྲོན་ལགས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG