ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཨ་རིའི་དམངས་གཙོ་ཚོགས་པའི་རྒྱས་འཛོམས་ཚགས་ཆེན་འགོ་འཛུགས།


༄༅།། ཨ་མི་རི་ཀའི་དམངས་གཙོ་ཚོགས་པས་སྲིད་འཛིན་གཞོན་པ་ཟུར་པ་ཇཱོ་བྷ་ཌན་དངོས་སུ་སྲིད་དོན་ཚོགས་པ་དེའི་སྲིད་འཛིན་གྱི་འོས་མིར་འདེམས་བསྐོ་བྱ་རྒྱུར་དེ་རིང་གཟའ་ཟླ་བའི་ཕྱི་དྲོ་ནས་བཟུང་སྟེ་ཉིན་བཞིའི་རིང་ལ་དྲྭ་ལམ་དུ་རྒྱས་འཛོམས་ཚོགས་ཆེན་འཚོགས་ཀྱི་ཡོད་ཅིང་། ད་ལོའི་ཚོགས་ཆེན་འདིར་ཨ་མི་རི་ཀའི་སྲིད་འཛིན་ཟུར་པ་གཉིས་དང་མངའ་སྡེའི་སྤྱི་ཁྱབ་ཁག་ཅིག གཞུང་འཛིན་སྤྱི་མཐུན་ཚོགས་པའི་སྲིད་འཛིན་གྱི་འོས་མི་ཟུར་པ་ཇཱོན་ཀེ་སིག་སོགས་མཉམ་ཞུགས་ཀྱི་ཡོད་པར་མ་ཟད། ཚོགས་ཆེན་གྱི་ཉིན་གསུམ་པའམ། གཟའ་ལྷག་པའི་ཉིན་སྲིད་འཛིན་གཞོན་པའི་འོས་མི་ཀ་མ་ལ་ཧེ་རི་སི་ཡིས་སྲིད་འཛིན་གཞོན་པའི་འོས་མིར་མོས་མཐུན་ཞལ་བཞེས་དང་ཚོགས་ཆེན་གྱི་ཉིན་མཐའ་མ་སྟེ། གཟའ་ཕུར་བུའི་ཉིན་སྲིད་འཛིན་གྱི་འོས་མི་ཇཱོ་བྷ་ཌན་གྱིས་སྲིད་འཛིན་འོས་མིར་མོས་མཐུན་ཞལ་བཞེས་ཀྱི་གསུང་བཤད་གནང་སྟེ་ཚོགས་ཆེན་མཇུག་བསྒྲིལ་རྒྱུ་ཡིན་པའི་གནས་ཚུལ་དེ་ཕུན་ཚོགས་ཚེ་རིང་གིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG