ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཨ་མི་རི་ཀའི་འོས་བསྡུ་དང་ཕྱི་འབྲེལ་སྲིད་ཇུས།


ཕྱི་ཟླ་བཅུ་གཅིག་གི་ཚེ་གཉིས་ཉིན་ཨ་མི་རི་ཀའི་འོས་འཕེན་པ་རྣམས་ཀྱིས་གྲོས་ཚོགས་འཐུས་མི་གསར་པ་འོས་འདེམས་བྱེད་ཀྱི་ཡོད་པ་དང་། ད་ལྟ་མང་ཚོགས་ཀྱི་བསམ་ཚུལ་བསྡུས་ལེན་བྱས་པ་ལྟར་ན། རྒྱལ་ནང་གི་དཔལ་འབྱོར་གནད་དོན་དེ་ལོ་འདིའི་གནད་དོན་གཙོ་བོ་ཞིག་ལ་འགྱུར་རྒྱུ་ཡིན་ཞིང་། ཨ་རིའི་གྲོས་ཚོགས་ཀྱི་ འོས་བསྡུ་བར་མའི་སྐབས་སུ་ཕྱི་འབྲེལ་སྲིད་ཇུས་དེ་གནས་དོན་གཅོ་བོ་ཞིག་ལ་འགྱུར་མི་ཐུབ་པའི་རྟགས་མཚན་ཁག་ཅིག་མངོན་གྱི་ཡོད་ཅེས་ཆེད་ཉམས་ཞིབ་པ་ཚོས་གསུང་གི་ཡོད་རུང་། ཨ་རིའི་འོས་བསྡུ་བར་མའི་སྐབས་སུ་སྤྱི་མཐུན་ཚོགས་པར་འཐུས་མི་གྲངས་མང་གི་གདན་གྲངས་འཐོབ་སྲིད་མོད། འོན་ཀྱང་འབྱུང་འགྱུར་གྱི་ལོ་གཉིས་ཀྱི་རིང་དེར་ཨ་མི་རི་ཀའི་ཕྱི་འབྲེལ་སྲིད་ཇུས་འཛིན་ཕྱོགས་ལ་ཤུགས་རྐྱེན་ཡོང་རྒྱུ་ཡིན་པ་སོགས་ཀྱི་སྐངོར། ཝི་ཨོ་ཨེ་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་ ཇིམ་མེ་ལོ་ནི་གྱི་སྤེལ་བས་གནས་ཚུལ་དེ་ནམ་མཁའ་བསྟན་འཛིན་གྱི་ཕབ་སྒྱུར་དང་སྙན་སྒྲོན་ཞུ་གི་རེད།།

XS
SM
MD
LG