ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༣/༠༩/༢༥

ཨ་རིས་བྱང་ཀོ་རི་ཡ་ཁྲིམས་འགལ་དངུལ་སྒོར་གཏོང་ལེན་པར་ངོས་འཛིན།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཨ་མི་རི་ཀའི་ནོར་སྲིད་ལྷན་ཁང་གིས་བྱང་ཀོ་རི་ཡས་ཁྲིམས་འགལ་ཐོག་ཏུ་དངུལ་སྒོར་གཏོང་ལེན་བྱེད་ཀྱི་ཡོད་པ་དང་། ཁྲིམས་འགལ་གྱི་དངུལ་སྒོར་གཏོང་ལེན་འགོག་ཐབས་སུ་ཨ་མི་རི་ཀས་རང་གི་དངུལ་ཁང་ཁག་གི་སྒྲིག་གཞི་དམ་དུ་བཏང་སྟེ། ཨ་མི་རི་ཀའི་དངུལ་ཁང་ཁག་གིས་བྱང་ཀོ་རི་ཡར་ཚོང་ལས་བཀག་སྡོམ་གྱི་ནུས་ཤུགས་ཆེ་རུ་གཏོང་གི་ཡོད་ཅིང་། ད་ལྟ་ཨ་མི་རི་ཀའི་ནོར་སྲིད་ལྷན་ཁང་གིས་བཏོན་པའི་གྲོས་གཞི་ཞིག་ལ་ཕྱི་རྒྱལ་གྱི་དངུལ་ཁང་ཁག་ཅིག་གིས་བྱང་ཀོ་རི་ཡའི་ཚབ་བྱས་ནས་དངུལ་སྒོར་གཏོང་ལེན་བྱེད་ཀྱི་ཡོད། བྱང་ཀོ་རི་ཡའི་ཚབ་བྱས་ནས་དངུལ་སྒོར་གཏོང་ལེན་བྱེད་ཀྱི་ཡོད་པའི་ཕྱི་རྒྱལ་གྱི་དངུལ་ཁང་ཁག་ལ་ཨ་མི་རི་ཀའི་དངུལ་ཁང་ཁག་གིས་ཚོང་འབྲེལ་འཛུགས་མི་ཆོག གལ་སྲིད་ཕྱི་རྒྱལ་གྱི་དངུལ་ཁང་གང་ཞིག་གིས་བྱང་ཀོ་རི་ཡར་ནོར་སྲིད་ཀྱི་ཚོང་ལས་གཉེར་ཚེ། ཕྱི་རྒྱལ་གྱི་དངུལ་ཁང་དེ་ཚོར་ཨ་མི་རི་ཀའི་གཞུང་གིས་ཞིབ་འཇུག་བྱས་ཏེ། དངུལ་ཁང་དེ་དག་ལ་ཨ་མི་རི་ཀའི་ཁྲོམ་རར་ཚོང་ལས་གཉེར་མི་ཆོག་པ་དང་། ཕྱི་རྒྱལ་གྱི་དངུལ་ཁང་དེ་དག་ཨ་སྒོར་གྱི་ཁྲོམ་ར་ནས་ཕྱིར་ཕུད་བྱ་རྒྱུ་ཡིན་ཞེས་འཁོད་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG