ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

ཨ་རིའི་དམངས་གཙོ་ཚོགས་པའི་རྒྱས་འཛོམས་འགོ་འཛུགས་བྱུང་བ།


ཨ་རིའི་ནང་སྲིད་འཛིན་འོས་བསྡུ་བྱེད་བར་ཟླ་བ་གཉིས་ཙམ་ལས་མེད་པའི་དུས་འདིར་སྲིད་དོན་ཚོགས་པ་ཆེ་ཁག་གཉིས་པོས་སོ་སོའི་སྲིད་འཛིན་འོས་མི་གཏན་འཁེལ་བྱེད་བའི་རྒྱས་འཛོམས་ཚོགས་ཆེན་འཚོག་གི་ཡོད་པ་ལྟར་ སྤྱི་མཐུན་ཚོགས་པའི་རྒྱས་འཛོམས་གྲོལ་ནས་ཉིན་ཤས་ཕྱིན་པའི་རྗེས་ ད་རིང་གཟའ་མིག་དམར་ཉིན་ནས་གཞུང་འཛིན་དམངས་གཙོ་ཚོགས་པའི་རྒྱས་འཛོམས་ཚོགས་ཆེན་འགོ་འཛུགས་བྱེད་ཀྱི་ཡོད་པ་རེད། ཡང་ད་ལྟའི་སྐབས་འདི་ནི་ཨ རིའི་མི་མང་གི་ཁྲོད་དུ་ལས་མེད་ཀྱི་གྲངས་འབོར་མཐོ་པོར་གནས་མུས་ཡིན་སྟབས་ལས་ཐོག་སྲིད་འཛིན་བྷ་རག་ཨོ་བྷ་མས་རང་ཉིད་སླར་ཡང་སྲིད་འཛིན་ལ་འོས་འདེམས་ཡོང་བའི་རེ་སྐུལ་གནང་བའི་སྐབས་སུ་གནས་སྟངས་དེའི་ཐོག་གསལ་བཤད་གནང་དགོས་ངེས་ཤིག་ཆགས་ཡོད་པ་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG