ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་བལ་ཡུལ་ལ་ཕེབས་རྒྱུ།


༄༅།། ཨ་མི་རི་ཀས་བལ་ཡུལ་གྱི་རྨང་གཞིའི་འཛུགས་སྐྲུན་ལས་གཞི་ཁག་ལ་ཨ་སྒོར་དུང་ཕྱུར་༥་རོགས་རམ་སྤྲད་པ་དང་བལ་ཡུལ་གྲོས་ཚོགས་ཀྱིས་ཨ་རིའི་རོགས་དངུལ་ལེན་ཆོག་པའི་ཆོག་མཆན་བཀོད། ཨ་རིས་བལ་ཡུལ་ལ་རོགས་དངུལ་སྤྲོད་ཀྱི་ཡོད་པ་དེར་རྒྱ་ནག་གིས་དོ་སྣང་བྱེད་ཀྱི་ཡོད་ཀྱང་ཟླ་མཇུག་འདིར་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་བལ་ཡུལ་ལ་འཚམས་འདྲིར་སླེབས་པའི་རྗེས་སུ་ཨ་རིའི་གྲོས་ཚོགས་འཐུས་མི་༢༥་ཡོད་པའི་སྐུ་ཚབ་ཚོགས་ཆུང་ཞིག་བལ་ཡུལ་ལ་འཚམས་འདྲིར་ཕེབས་ཀྱི་ཡོད་ཅིང་། འདི་ནི་ཨ་རི་དང་བལ་ཡུལ་གཉིས་ཀྱིས་ཕྱི་འབྲེལ་བཙུགས་ནས་ལོ་༧༥་འཁོར་གྱི་ཡོད་པ་ཕྱོགས་གཉིས་ཀྱི་མཐོ་རིམ་འགོ་ཁྲིད་ཚོ་འབྲེལ་བ་འབྱུང་ཐབས་ཀྱི་མཐུན་རྐྱེན་དུ་འགྱུར་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད་པའི་སྐོར། གསར་ཤོག་ཁག་ཐོན་པའི་གནས་ཚུལ་རྣམས་ནམ་མཁའ་བསྟན་འཛིན་གྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG