གཟའ་འཁོར་སྔོན་མ་ནས་བཟུང་རྒྱ་ནག་ནང་ཉི་འོང་ལ་ངོ་རྒོལ་བྱེད་མཁན་མུ་མཐུད་ཡོང་བཞིན་པའི་སྐབས་འདིར་ཉི་འོང་ནང་འབྱོར་བའི་ཨ་རིའི་རྒྱལ་སྲུང་དྲུང་ཆེ་ལིའོན་ པེ་ནི་ཏ་ལ་ཉི་འོང་གི་གཞུང་འབྲེལ་མི་སྣ་ཚོས་རྩོད་གཞི་ཅན་གྱི་མཚོ་གླིང་གི་རྙོག་གླེང་ཞོད་འཇགས་ཐུབ་ཐབས་ལ་རྒྱ་ནག་དང་འབྲེལ་བ་བྱ་རྒྱུར་འབད་བརྩོན་བྱེད་ཀྱི་ཡོད་ཅེས་གསལ་བཤད་གནང་འདུག་པའི་སྐོར། ཉི་འོང་གི་རྒྱལ་ས་ཀྲོག་ཡོ་ནས་འདི་ག་ཝི་ཨོ་ཨེ་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་སི་ཀྲིཝ་ ཧར་མན་གྱིས་བཏང་བའི་གནས་ཚུལ་དེ་རྣམ་རྒྱལ་ཤཱསྟྲིས་ཕབ་བསྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།