ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཨ་མི་རི་ཀའི་བུ་ལོན་གནད་དོན་ཐད་ཚོགས་པ་གཉིས་ནང་འགྲིགས་བྱེད་སྲིད་པ།


ཨ་མི་རི་ཀའི་བུ་ལོན་གནད་དོན་ཐད་ཚོགས་པ་གཉིས་ནང་འགྲིགས་བྱེད་སྲིད་པ།
ཨ་མི་རི་ཀའི་བུ་ལོན་གནད་དོན་ཐད་ཚོགས་པ་གཉིས་ནང་འགྲིགས་བྱེད་སྲིད་པ།

ཨ་མི་རི་ཀའི་རྒྱལ་ཁབ་ལ་བུ་ལོན་ཨ་སྒོར་ཁྲག་ཁྲིག་ཆེན་མོ་༡༤་༣ཡོད་པ་དེ་སྤྲོད་འཇལ་མ་ཐུབ་པའི་གནས་ཚུལ་ལས་གཡོལ་ཐབས་དང་ དབུས་གཞུང་གིས་དངུལ་བུན་གཡར་རྒྱུའི་ཚད་གཞི་སྤར་ཆ་བྱ་རྒྱུའི་མང་གཙོས་ཚོགས་པའི་གྲོས་འཆར་དེ་ཨ་མི་རི་ཀའི་གྲོས་ཚོགས་གོང་མས་བཀག་སྡོམ་གནང་ཡོད་པ་རེད་སྤྱི་མཐུན་ཚོགས་པ་དང་མང་གཙོ་ཚོགས་པ་གཉིས་ཀའི་འཆར་གཞི་ལམ་ལྷོང་མ་ཕྱིན་པའི་རྗེས་ད་ཆ་གྲོས་ཚོགས་ཀྱི་འགོ་ཁྲིད་དང་ཕོ་བྲང་དཀར་པོའི་དབར་མཐའ་མའི་གྲོས་མོལ་གནང་རྒྱུའི་གནད་དོན་ཐོག་དོ་སྣང་བྱེད་དགོས་པ་ཆགས་ཡོད་པ་དང ཚོགས་པ་གཉིས་་ནང་འགྲིགས་བྱ་རྒྱུའི་རེ་བ་ཡོད་པ་ཁྲིམས་བཟོ་བ་རྣམས་ཀྱིས་བསམ་ཚུལ་གསུང་གི་ཡོད་པ་སོགས་འདི་ག་ཝི་ཨོ་ཨེ་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་མཡི་ཀལ་བྷོ་མན་གྱིས་སྤེལ་བའི་གནས་་ཚལ་དེ་ནམ་མཁའ་བསྟན་འཛིན་གྱིས་ཕབ་བསྒྱུར་དང་སྙན་སྒྲོན་ཞུ་གི་རེད།

XS
SM
MD
LG