ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གི་ཨ་རིའི་བཟོ་ཚོང་ལས་ཁང་ཁག་ལ་བསམ་ཚུལ་བསྡུ་ལེན།


༄༅།། ཉེ་ཆར་རྒྱ་ནག་གི་ཧྲང་ཧེ་གྲོང་ཁྱེར་དུ་གནས་འཁོད་ཨ་རིའི་ཚོང་དོན་མཐུན་ཚོགས་ཀྱིས་བསམ་ཚུལ་བསྡུ་རུབ་བྱས་པར་གཞིགས་ན། རྒྱ་ནག་ཏུ་ཚོང་ལས་གཉེར་བཞིན་པའི་ཨ་རིའི་བཟོ་ཚོང་ལས་ཁང་མང་ཆེ་བས་ཨ་རྒྱ་གཉིས་ཀྱི་འབྲེལ་བ་ཛ་དྲག་ཅན་ཞིག་ཏུ་འགྱུར་བཞིན་ཡོད་ཅིང་། སྲིད་འཛིན་ཊམ་གྱིས་ཨ་རིའི་བཟོ་ཚོང་ལས་ཁང་ཁག་རྒྱ་ནག་ནས་ཕྱིར་འཐེན་བྱ་དགོས་པའི་རྒྱུད་སྐུལ་བྱེད་ཀྱི་ཡོད་ཀྱང་ད་ལྟའི་ཆར་མུ་མཐུད་དུ་རྒྱ་ནག་གི་ས་ཐོག་ཏུ་ཚོང་ལས་གཉེར་རྒྱུ་ཡིན་ཞེས་བརྗོད་ཡོད་པའི་གནས་ཚུལ་ཐོན་པ་ཁག་པ་སངས་དབྱངས་སྐྱིད་ཀྱིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG