ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༥/༠༡/༡༩

ཨ་རི་དང་རྒྱ་ནག་གི་དམག་དོན་འབྲེལ་བ།


རྩ་བའི་ཆ་ནས་རྒྱ་ནག་དང་ཨ་མི་རི་ཀ་གཉིས་ལ་མི་མཐུན་པའི་འགལ་ཟླ་མང་དག་ཅིག་ཡོད་ཀྱང་། ཨེ་ཤི་ཡར་ཞི་བདེ་བརྟན་ལྷིང་བསྐྲུན་རྒྱུ་དང་ཀོ་རི་ཡའི་ཕྱེད་གླིང་དེ་ཉིད་རྡུལ་ཕྲན་མཚོན་ཆ་མེད་པའི་བསྟི་གནས་ཤིག་ལ་བསྒྱུར་རྒྱུ། རྒྱ་ནག་དང་ཨ་མི་རི་ཀའི་དམག་གི་འབྲེལ་བ་ཡར་རྒྱས་གཏོང་རྒྱུ་བཅས་ལ་ཨ་རི་དང་རྒྱ་ནག་གི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་གཉིས་གྲོས་མཐུན་བྱུང་ཡོད་ཅིང་། དཔེར་ན་ཨ་མི་རི་ཀའི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་ཌམ་ཕུ་སེ་དང་རྒྱ་ནག་གི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་ཧྥང་ཧྥེང་ཧུའི་གཉིས་ཀྱིས་གསར་འགོད་ལྷན་ཚོགས་སྐོང་སྟེ། ཨ་མི་རི་ཀའི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པས་གསར་འགོད་པ་ཚོར་བཤད་པ་ལྟར་ན། ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་ལ་ཨ་མི་རི་ཀའི་དམག་གི་སྟོབས་ཤུགས་རྒྱ་སྐྱེད་གཏོང་རྒྱུ་དེ་ནི། འཛམ་གླིང་སྤྱི་དང་བྱེ་བྲག་ཏུ་ཨེ་ཤི་ཡའི་ཞི་བདེ་བརྟན་ལྷིང་ལ་དགོས་ངེས་ཤིག་ཡིན་པ་དང་། ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་ལ་ཞི་བདེ་ཡོང་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ཨ་མི་རི་ཀའི་དམག་དཔུང་འགྲེམ་འཇོག་བྱས་ཡོད་པ་དེར་ཐུག་ཡོད་ཅེས་འགྲེལ་བཤད་བརྒྱབ་ཡོད་པ་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG