ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཨ་རིའི་རྒྱལ་སྲུང་ལས་ཁུངས་ཀྱིས་རྒྱ་ནག་གི་དམག་དོན་སྐོར་གྱི་ལོ་རེའི་རྟོག་ཞིབ་སྙན་ཐོ་བཏོན་་ཡོད་པ།


དུས་ཚོད་གང་ཙམ་ཕྱིར་འགྱངས་བྱས་ཏེ་བཏོན་པའི་སྙན་ཐོ་དེའི་ནང༌ རྒྱ་ནག་གིས་མུ་མཐུད་དེ་མངའ་ཁུལ་ནང་གི་རྩོད་གཞི་ཁག་གི་ཐོག་ཤུགས་རྐྱེན་གྱི་ནུས་པ་ཆེ་རུ་གཏང་རྒྱུའི་ཆེད་དུ་རྒྱང་ཐག་རིང་བའི་འཐབ་རྒོལ་གྱི་ནུས་པ་ཆེ་རུ་གཏོང་བ་དང་ རྒྱལ་སྤྱིའི་མཚོ་ཐོག་གི་ཐིག་ཚད་ལས་བརྒལ་ཏེ་མཚོ་ཁུལ་གྱི་ས་ཁོངས་རྒྱ་བསྐྱེད་གཏོང་བ་ དེ་བཞིན་རང་ལ་འགྲན་རྩོད་པ་ཚོར་ མཚོ་ལམ་དང་མཁའ་ལམ་ དྲ་ལམ་སོགས་མཉམ་སྤྱོད་བྱ་རྒྱུ་ཁས་ལེན་མི་བྱེད་པ་སོགས་མུ་མཐུད་དེ་བྱེད་བཞིན་པ་རེད་ཅེས་བཀོད་ཡོད་པ་རེད། ཨ་རིའི་གྲོས་ཚོགས་ཀྱི་རེ་འདུན་ལྟར་འདོན་སྲོལ་ཡོད་པའི་རྒྱ་ནག་གི་དམག་དོན་སྐོར་གྱི་སྙན་ཐོ་དེའི་ནང་དུ་རྒྱ་ནག་གིས་དམག་གྲུ་གཏོར་རྒྱུའི་ཆེད་དུ་དམིགས་པའི་འཕེན་རྒྱང་རིང་བའི་མེ་ཤུགས་འཕུར་མདེལ་བཟོ་བསྐྲུན་མུ་མཐུད་དེ་བྱེད་བཞིན་ཡོད་པ་མ་ཟད་ ལོ་བཅུ་གྲངས་དེའི་མཇུག་ཙམ་ལ་དམག་གི་གནམ་གྲུ་དབོར་འདྲེན་བྱེད་པའི་དམག་གྲུ་གཏོང་རྩིས་ཡོད་པ་དེ་ནི་ཨེ་ཤི་ཡ་ནང་དུ་དམག་དོན་ཐད་ གཞན་ལས་ལྷག་པའི་ནུས་པ་དང་ལྡན་པ་ཞིག་ཏུ་འགྱུར་ཐབས་བྱེད་པའི་འབད་བརྩོན་གྱི་ཆ་ཤས་ཞིག་ཡིན་པ་དང་ ད་ལྟའི་ཆར་ཨ་མི་རི་ཀ་ནི་དེ་འདྲའི་ནུས་པ་ལྡན་པ་དེ་ཡིན་ཞིང་ དེ་ལྟར་མུ་མཐུད་དེ་གནས་རྒྱུ་ཨ་རིའི་གཞུང་འཛིན་ལས་སྣེ་འགོ་ཁྲིད་ཚོས་ རེ་བ་གནང་གི་ཡོད་པ་རེད།

XS
SM
MD
LG