ངོ་འཕྲད་བདེ་བའི་དྲ་འབྲེལ།

དེ་རིང་རེས་གཟའ་ལྷག་པའི་ཉིན་ཨ་མི་རི་ཀའི་རྒྱལ་ས་ཝ་ཤིང་ཊོན་དུ་རྒྱ་ནག་དང་ཨ་རིའི་མཐོ་རིམ་དཔོན་རིགས་ཚོས་རྒྱལ་དོན་འཐབ་ཇུས་དང་དཔལ་འབྱོར་མཉམ་འབྲེལ་གྱི་གྲོས་མོལ་ཞིག་འགོ་ཚུགས་ཡོད་ཅིང་། ད་ཐེངས་ཀྱི་གྲོས་མོལ་བརྒྱུད་ནས་ཕྱོགས་གཉིས་ཀྱི་འབྲེལ་ལམ་བཟང་དུ་གཏོང་རྒྱུའི་དམིགས་ཡུལ་བཅངས་ཏེ། ཨ་རིའི་གྲོས་ཚོགས་ཀྱི་ཁྲིམས་བཟོ་བ་ཁག་དང་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་བ་ཚོས་གྲོས་མོལ་དེའི་སྐབས་སུ་ཨ་རིའི་སྐུ་ཚབ་ཀྱིས་རྒྱ་ནག་ལ་འགྲོ་བ་མིའི་ཐོབ་ཐང་དང་དྲ་རྒྱུའི་བདེ་འཇགས་བཅས་ལ་ལངས་ཕྱོགས་བརྟན་པོ་ཞིག་འཛིན་དགོས་པའི་ནན་སྐུལ་ཞུས་ཡོད་པའི་སྐོར། ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་ཤར་རན་གྱིས་སྤེལ་བའི་གནས་ཚུལ་དེ་ཚེ་བརྟན་ཆོས་སྒྲོན་གྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།
XS
SM
MD
LG