ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

ཨ་རིའི་ཕྱི་སྲིད་དྲུང་ཆེ་རྒྱ་ནག་ལ་ཆེད་ཕེབས་གནང་རྒྱུ་ཡིན་པ།


གཟའ་འཁོར་འདིར་ཨ་རིའི་ཕྱི་སྲིད་དྲུང་ཆེ་ལྕམ་ཧི་ལ་རི་ ཁི་ལིན་ཌན་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ཅིག་ལ་ཕེབས་ཀྱི་ཡོད་པའི་ཁོངས་སུ་རྒྱ་ནག་གི་རྒྱལ་ས་པེ་ཅིན་ལའང་ཕེབས་ཀྱི་ཡོད་པ་དང་། ད་ལམ་ཕྱི་སྲིད་དྲུང་ཆེ་ལྕམ་ཧི་ལ་རི་ ཁི་ལིན་ཌིན་ཨེ་ཤ་ཡའི་མངའ་ཁུལ་ནང་ཕེབས་ཀྱི་ཡོད་པ་དེ་ནི་མངའ་ཁུལ་དེའི་ནང་བདག་དབང་གི་ཐད་རྩོད་གླེང་ཇེ་ཆེར་འགྲོ་བཞིན་པ་དང་ཨ་རིའི་གཞུང་གིས་ཨེ་ཤ་ཡའི་ཡུལ་གྲུ་ཁག་ཅིག་ལ་འབྲེལ་བ་གོང་འཕེལ་གཏོང་ཐབས་གནང་གི་ཡོད་པ་དེར་རྒྱ་ནག་སེམས་འཚབ་བྱེད་ཤུགས་ཆེ་རུ་སོང་བའི་སྐབས་ཡིན་པ་བཅས་ཀྱི་སྐོར། པེ་ཅིན་ནས་འདི་ག་ཝི་ཨོ་ཨེ་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་ཝི་ལྱིམ་ ཨི་ཌེས་བཏང་བའི་གནས་ཚུལ་དེ་རྣམ་རྒྱལ་ཤཱསྟྲིས་ཕབ་བསྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG