ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨ་རིས་རྒྱ་ནག་གི་དམག་དོན་མི་སྣ་༤་ལ་ཉེས་འཛུགས།


ཕྱི་ཟླ་༢་ཚེས་༡༠་ཉིན་གྱི་ཕྱི་དྲོར་ཨ་མི་རི་ཀའི་ཁྲིམས་འཛིན་ལྷན་ཁང་གིས་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གི་ཁོངས་སུ་གཏོགས་པའི་གསང་བའི་དམག་དོན་མི་སྣ་བཞིའི་མིང་བཏོན་ཏེ། ཁོ་ཚོ་༢༠༡༧་ལོར་ཨ་མི་རི་ཀའི་དྲྭ་ལམ་དུ་ལྐོག་འཛུལ་བྱས་ནས་ཨ་མི་རི་ཀ་བ་དུང་ཕྱུར་༡་དང་ས་ཡ་༤༥་ལྷག་གི་མིང་ཐོ་དང་ཁྱིམ་ཚང་གི་ཁ་བྱང་། ཨ་རི་བ་དེ་དག་གི་སྤྱི་ཚོགས་འགན་སྲུང་ཨང་གྲངས་དང་རླངས་འཁོར་ཁ་ལོ་བའི་ཨང་གྲངས་སོགས་རྐུ་འཁྱེར་བྱས་སོང་ཞེས་ནག་ཉེས་བཙུགས་ཡོད་པའི་སྐོར། འདི་ག་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་གྱི་གསར་འགོད་པ་ཇཱེ་སེབ་ཁྲེན་གྱིས་བཏང་བའི་གནས་ཚུལ་དེ་བདེ་ཆེན་རྒྱ་མཚོས་ཕབ་སྒྱུར་གྱིས་སྙན་སྒྲོན་ཞུ་ཡི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG