ཨ་རིས་ལན་པོ་སློག་ཆེད་ཨི་རག་དང་སི་རི་ཡའི་ནང་མཁའ་ཐོག་ནས་གཏོར་རྒོལ་བཏང་བ།
ཨི་རག་དང་སི་རི་ཡའི་ནང་དབྱི་རན་གྱིས་རྒྱབ་སྐྱོར་བྱས་པའི་ཡུལ་དམག་ཁག་ཅིག་གིས་ཨ་རིའི་དམག་མི་༣ རྐྱེན་འདས་དང་། དམག་མི་མང་པོར་རྨས་སྐྱོན་བཟོས་པར་བརྟེན། ཨ་རིས་དེར་ལན་པོ་སློག་ཆེད་ཨི་རག་དང་སི་རི་ཡའི་ནང་མཁའ་ཐོག་ནས་གཏོར་རྒོལ་བཏང་ཡོད་པའི་སྐོར་བསྟན་འཛིན་ལྷུན་འགྲུབ་ལགས་ཀྱིས་གནས་ཚུལ་སྙན་སྒྲོན་ཞུ་གནང་བ་འདིར་གསལ།