ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རིས་མི་གྲངས་དུང་ཕྱུར་གཅིག་ལ་འགོག་ཁབ་བརྒྱབ།


༄༅།། ཨ་རིའི་སྲིད་འཛིན་ཇོ་བྷ་ཊན་གྱིས་ཁོང་གིས་སྲིད་འཛིན་གྱི་ལས་ཡུན་མགོ་བཙུགས་ནས་རྩིས་པའི་ཉིན་གྲངས་༡༠༠ ཡི་ནང་དུ་ཨ་རིའི་མི་གྲངས་དུང་ཕྱུར་གཅིག་ལ་ཏོག་དབྱིབས་རིམས་ནད་ཀྱི་འགོག་སྨན་རྒྱག་རྒྱུ་ཡིན་པའི་ཁས་ལེན་བྱས་ཡོད་པ་ལྟར་ད་ལྟ་ཨ་རིར་དངོས་སུ་མི་གྲངས་དུང་ཕྱུར་གཅིག་ལ་འགོག་སྨན་བརྒྱབ་ནས་འཛམ་གླིང་སྟེང་མི་གྲངས་དུང་ཕྱུར་གཅིག་ལ་འགོག་སྨན་བརྒྱབ་ཟིན་པའི་རྒྱལ་ཁབ་ཐོག་མ་རུ་གྱུར་བ་རེད།

US becomes 1st Nation to Vaccinate 100 Million Against Covid-19
please wait

No media source currently available

0:00 0:03:56 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


མི་མང་པོར་འགོག་སྨན་བརྒྱབ་པ་དང་བསྟུན་ནས་མི་ཁག་ཅིག་གིས་རིམས་འགོག་ཉེན་སྲུང་བྱ་རྒྱུ་ལྷོད་ཡངས་སུ་བཏང་བ་དང་། འདས་པའི་ཉིན་ཁ་ཤས་རིང་ཨ་རིར་ལྟོས་བཅས་ཀྱིས་རིམས་ནད་ཕོག་མཁན་གྱི་གྲངས་ཀ་ཅུང་མང་རུ་འགྲོ་བཞིན་ཡོད་པས། ཨ་རིའི་རིམས་འགོག་སྡེ་ཚན་ནས་རིམས་ནད་བསྐྱར་དུ་འགོས་ཁྱབ་ཆེན་པོ་འགྲོ་སྲིད་པའི་ཉེན་བརྡ་བཏང་སྟེ་མི་རྣམས་ལ་མུ་མཐུད་ནས་རིམས་ནད་འགོག་སྲུང་གི་སྤྱོད་ལམ་རྒྱུན་འཁྱོངས་བྱ་རྒྱུའི་འབོད་སྐུལ་ཀྱང་བྱས་འདུག

ཨ་རིའི་ཇོན་ཧོ་ཕུ་ཁིན་གཙུག་ལག་སློབ་ཆེན་གྱིས་བཏོན་པའི་སྙན་ཐོའི་ནང་གསལ་བ་ལྟར་ན་ད་སྔ་འཛམ་གླིང་ཡོངས་སུ་ཏོག་དབྱིབས་རིམས་ནད་ཕོག་མཁན་མི་གྲངས་ས་ཡ་༡༣༠་བྱུང་ཡོད་པའི་གྲས་ནས་མི་གྲངས་ས་ཡ་༢་དང་འབུམ་༨ འདས་གྲོངས་སུ་ཕྱིན་ཅིང་། ཨ་རི་གཅིག་པོར་མི་གྲངས་འབུམ་༥ དང་ཁྲི་༥ ལྷག་རིམས་ནད་ལ་རྐྱེན་བྱས་ནས་འདས་གྲོངས་སུ་ཕྱིན་ཡོད་པ་རེད།

XS
SM
MD
LG