ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་མི་རི་ཀ་དང་ཉི་ཧོང་། ལྷོ་ཀོ་རི་ཡ་བཅས་ཀྱི་མཐོ་རིམ་ཕྱི་འབྲེལ་མི་སྣ་ཚོ་རེས་གཟའ་མིག་དམར་ཉིན་ལྷན་འཛོམས་གནང་སྟེ། གལ་སྲིད་བྱང་ཀོ་རི་ཡས་སླར་ཡང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ཁང་གིས་རྡུལ་ཕྲན་མཚོན་ཆ་དང་། གཏོར་ཚབས་ཅན་གྱི་མཚོན་ཆའི་རིགས་ཚོད་ལྟ་བྱ་མི་ཆོག་ཅེས་བཀག་སྡོམ་བྱས་ཡོད་པ་དེར་བརྩི་འཇོག་མ་བྱས་ན་ཨ་མི་རི་ཀ་དང་མཐུན་གྲོགས་རྒྱལ་ཁབ་ཚོས་ཐུན་མོང་གི་ཐབས་ཇུས་ཤིག་ལག་བསྟར་རྒྱུ་ཡིན་ཞེས་བྱང་ཀོ་རི་ཡར་ཉེན་བརྡ་བཏང་ཡོད་པ་རེད།།

XS
SM
MD
LG