ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

ཨ་རི་དང་དབྱིན་ཇིའི་སྤྱི་དམངས་རྣམས་ཡེ་མན་ནས་ཕྱིར་ཐོན།


འཇིགས་སྐུལ་རིང་ལུགས་པའི་རྒོལ་རྡུང་ལ་དོགས་ཟོན་བྱས་ནས་ཨ་མི་རི་ཀ་དང་དབྱིན་ཇི། ཧྥ་རན་སོགས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཡེ་མན་གཙོ་བོར་གྱུར་པའི་དཀྱིལ་ཤར་ས་ཁུལ་དང་། ཨ་ཧྥི་རི་ཀའི་བྱང་ཕྱོགས་ཀྱི་ཁ་ཆེའི་རྒྱལ་ཁབ་ཁག་ཏུ་བཅའ་སྡོད་རང་གི་གཞུང་ཚབ་ལས་ཁུངས་ཁག་སྒོ་བརྒྱབ་ནས་བཟུང་། མེ་མན་གཞུང་གིས་རྒྱལ་ས་སཱ་ཎ་ཡེ་གྲོང་ཁྱེར་དུ་བཅའ་སྡོད་ཕྱི་རྒྱལ་གྱི་གཞུང་ཚབ་ལས་ཁང་ཁག་གི་སྲུང་སྐྱོབ་དམ་དུ་བཏང་སྟེ། ཨ་མི་རི་ཀ་དང་དབྱིན་ཇིའི་གཞུང་གིས་ཡེ་མན་གྱི་ས་ཐོག་ཏུ་ཡོད་པའི་རང་གི་སྤྱི་དམངས་རྣམས་ཀྱང་མྱུར་དུ་ཕྱིར་ཐོན་དགོས་པའི་བརྡ་ཁྱབ་བཏང་ཡོད་པ་མ་ཟད། ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་ཡེ་མན་དུ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཁང་གི་དགོས་ངེས་མིན་པའི་ལས་བྱེད་པ་རྣམས་ཀྱང་རེ་ཞིག་རང་ཡུལ་ཕྱིར་ལོག་བྱེད་དགོས་པའི་བཀའ་བཏང་ཡོད་པ་རེད།།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG