ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༢/༠༥/༢༨

ཕུ་ཊིན་གྱི་བུ་མོ་ཚོ་ཚུད་པའི་ཨུ་རུ་སུར་ཉེས་ཆད་གསར་པ་བཙན་འགེལ།


༄༅།། ཨ་མི་རི་ཀ་དང་ནུབ་ཕྱོགས་ཀྱི་མཐུན་གྲོགས་རྒྱལ་ཁབ་ཁག་གིས་ཕུ་ཊིན་གྱི་བུ་མོ་རྣམས་ཚུད་པའི་ཨུ་རུ་སུར་སླར་ཡང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་གསར་པ་ཁག་ཅིག་བཙན་འགེལ་བྱས་ཡོད་ཅིང་། ཕུ་ཊིན་གྱི་བུ་མོ་ཚོར་ཨ་རི་དང་ཡུ་རོབ་མཉམ་འབྲེལ་གྱི་རྒྱལ་ཁག་༢༧་ནང་དུ་ཡོད་པའི་མཁར་དང་ཚོང་ལས་རྣམས་འགོག་རྒྱུ། ཨུ་རུ་སུའི་དཔལ་འབྱོར་དང་ནོར་སྲིད་ཀྱི་སྒྲིག་འཛུགས་ཆེ་ཤོས་དེར་མ་རྩ་འཛུགས་མི་ཆོག་པ་བཅས་ཀྱི་ཉེས་ཆད་གསར་པ་ཁག་ཅིག་བཅད་འདུག་པའི་སྐོར། ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པས་སྤེལ་བའི་གནས་ཚུལ་དེ་ནམ་མཁའ་བསྟན་འཛིན་གྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG