ངོ་འཕྲད་བདེ་བའི་དྲ་འབྲེལ།

ལི་བྷི་ཡའི་སྐམ་དམག་སྟོབས་ཟད་དུ་གྱུར།


ཨ་མི་རི་ཀའི་སྐམ་མཚོ་གནམ་གསུམ་གྱི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་དཀྱིལ་ཤར་ས་ཁུལ་ལ་གཟིགས་ཞིབ་ཏུ་ཕེབས་པ་དང་། ཁོང་གིས་ཨི་རཀ་གི་ས་ཐོག་ཏུ་ཡོད་པའི་ཨ་མི་རི་ཀའི་ཞི་བདེ་སྲུང་དམག་ལ་འཚམས་འདྲི་བྱས་པའི་ཞོར་དུ་ཨ་རབ་རྒྱལ་ཁབ་ཁག་གི་བདེ་འཇགས་སྲུང་སྐྱོབ་ལ་ཨ་མི་རི་ཀས་འགན་ཁུར་ཅི་ཙམ་ལེན་གྱི་ཡོད་མེད། ལྷག་པར་དུ་ལི་བྷི་ཡའི་མི་མང་གྱེན་ལོག་པ་ཚོར་ཨ་མི་རི་ཀས་རྒྱབ་སྐྱོར་དང་རོགས་རམ་ཅི་ཙམ་བྱེད་ཀྱི་ཡོད་མེད་བཅས་ཀྱི་གསར་འགོད་ལྷན་ཚོགས་ཤིག་སྐོང་ཡོད་པ་དང་། ཨ་རིའི་ཆེས་མཐོ་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པས་ནུབ་ཆིངས་གནམ་དམག་གིས་ལི་བྷི་ཡའི་དམག་གི་སྟོབས་ཤུགས་བརྒྱ་ཆ་༣༠་ནས་༤༠་ཙམ་སྟེ། གྷ་དྷ་ཧྥིའི་སྐམ་དམག་གི་སྟོབས་ཤུགས་ཕལ་ཆེ་བ་གཅོག་ཐུབ་ཡོད་པ་དང་། ལི་བྷི་ཡའི་སྐམ་དམག་ལ་སྟོབས་ཤུགས་ཅུང་ཟད་ཅིག་ལྷག་ཡོད་པ་རྣམས་ཀྱང་རིམ་བཞིན་རྩ་མེད་འགྲོ་ངེས་ཡིན། ད་ལྟ་ལི་བྷི་ཡའི་ནང་འཁྲུག་དེ་ཉིད་གཞུང་དམག་དང་མི་མང་གྱེན་ལོག་པ་གཉིས་ཀྱི་སུ་ལའང་རྒྱལ་ཕམ་གྱི་གཏིང་ཐག་མི་ཆོད་པའི་ས་མཚམས་སུ་སླེབས་ཡོད་ཅེས་བཤད་ཡོད་པ་རེད།

XS
SM
MD
LG