ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༧

བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཐད་རྒྱ་ནག་གིས་འགན་འཁུར་དགོས་པའི་སྐུལ་མ།


བཞུགས་སྒར་རྡ་རམ་ས་ལར་གཏན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་བལྟི་གནས་ཁང་གིས་ཁ་ས་གཟའ་ཕུར་བུའི་ཉིན་སྙན་ཐོ་གསར་པ་ཞིག་འདོན་སྤེལ་བྱས་འདུག་པ་དེ་ནི་ རྒྱ་ནག་གིས་བོད་ནང་ལག་ལྟར་བྱེད་བའི་འགྲོ་བ་མིའི་ཐོབ་ཐང་གི་ཟིན་ཐོའི་ཐད་ཡིན་པ་དང་ སྙན་ཐོ་དེ་བཞིན་ཚོགས་པ་དེ་ཡིས་རིང་མིན་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་སྤྱི་དམངས་དང་ཆབ་སྲིད་ཐོབ་ཐང་གི་དམིགས་བསལ་སྐུ་ཚབ་ལ་འབུལ་རྒྱུ་ཡིན་པ་སོགས་ཀྱི་སྐོར་སྙན་ཐོ་དེའི་འབྲུ་དོན་དུ་ཐོན་པའི་གནས་ཚུལ་རྣམས་པདྨ་བདེ་ཆེན་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གནང་གི་རེད།
XS
SM
MD
LG