ཨ་མི་རི་ཀའི་གཞུང་གིས་ལྕམ་ས་རཱ་སེ་ཝལ་ཨ་རིའི་མི་སེར་ཉེན་སྲུང་དང་མང་གཙོ། འགྲོ་བ་མིའི་ཐོབ་ཐང་བཅས་ཀྱི་ཕྱི་སྲིད་དྲུང་ཆེ་འོག་མར་བསྐོ་ཞག་གནང་ཡོད་ཅིང་། ཁོང་གིས་ལས་གནས་དེའི་འོག་ཏུ་བོད་དོན་དམིགས་བསལ་འབྲེལ་མཐུད་པའི་ཐུགས་འགན་ཡང་བཞེས་དགོས་པས། ཨ་རིའི་ཕྱི་སྲིད་ལྷན་ཁང་གི་བོད་དོན་དམིགས་གསལ་འབྲེལ་མཐུད་པ་གསར་པའི་གནད་འགག་སོགས་ལ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བུ་ཆུང་ཚེ་རིང་ལགས་སུ་པ་སངས་དབྱངས་སྐྱིད་ལགས་ཀྱིས་བཀའ་འདྲི་ཞུས་པ་ཞིག་གསན་རོགས་གནང་།