འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་་མིའི་ཐོབ་ཐང་གི་ཚོགས་འདུ་ཐེངས་༢༠་བ་འདི་ཟླའི་ཚེས་༢༠་ནས་སྤྱི་ཟླ་བདུན་པའི་ཚེས་དྲུག་བར་དུ་རྒྱལ་ཚོགས་ཀྱི་བཀོད་འདོམས་ཁང་གནས་ཡུལ་སུད་སི་གྲོང་ཁྱེར་ཇི་ནི་ཝར་ཚོགས་བཞིན་ཡོད་པར་བརྟེན། ད་རེས་ཀྱི་ཚོགས་འདུ་དེར་བོད་ནང་གི་ཡ་ང་བའི་གནས་སྟངས་དེ་དག་སྙན་སེང་ཞུ་བར་སུད་སི་སྐུ་ཚབ་དོན་གཅོད་ཁང་གི་ལས་སྣེ་བསྟན་འཛིན་བསམ་འཕེལ་ལགས་ཚོགས་བཅར་ཞུས་ཡོད་པའི་སྐོར། རྒྱལ་མཚན་ཚེ་རིང་གིས་གནས་འདྲི་ཞུས་པ་ཞིག་གསན་རོགས་གནང་།