ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༥/༠༡/༡༦

སི་རི་ཡའི་ཞི་བའི་གྲོས་མོལ་དང་ཨི་རན།


གཟའ་ལྷག་པའི་ཉིན་ཡུ་རོབ་རྒྱལ་ཁབ་སུད་ཛར་ལན་ཌིའི་གྲོང་ཁྱེར་ཆེན་པོ་འཇི་ཎི་ཝའི་ནང་དུ་སི་རི་ཡའི་ཞི་བའི་གྲོས་མོལ་ཐེངས་གཉིས་པ་འཚོགས་ཀྱི་ཡོད་ཅིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེས་ཨི་རན་གྱི་སྐུ་ཚབ་ཅིག་སི་རི་ཡའི་ཞི་བའི་གྲོས་མོལ་ལ་མཉམ་ཞུགས་བྱེད་དགོས་ཞེས་མགྲོན་ཤོག་བཏང་རུང་། ཨ་མི་རི་ཀ་དང་སི་རི་ཡའི་ཁ་གཏད་ཚོགས་པ་ཁག་གིས་དེ་ལ་ངོ་རྒོལ་དྲག་པོ་བྱས་པར་བརྟེན། དུས་ཡུན་ཆུ་ཚོད་༢༤་ནང་ཚུད་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཨི་རན་ལ་བཏང་བའི་མགྲོན་ཤོག་དེ་ཕྱིར་འཐེན་བྱེད་དགོས་ཐུག་ཡོད་པ་དང་། ཕྱི་ལོ་༢༠༡༢་ལོའི་ཟླ་བ་༦་ཚེས་༣༠་ཉིན་སི་རི་ཡའི་གྱེན་ལོག་ཤོག་ཁག་འདྲ་མིན་དང་ཨ་མི་རི་ཀ འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཁག་གིས་སི་རི་ཡར་བར་བརྒལ་སྲིད་གཞུང་ཞིག་འཛུགས་དགོས་པའི་གྲོས་ཆོད་བཞག་ཀྱང་། ཨི་རན་གཞུང་གིས་གྲོས་ཆོད་དེར་ངོས་ལེན་བྱས་མེད་པ་རེད།།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG