ངོ་འཕྲད་བདེ་བའི་དྲ་འབྲེལ།

མཉམ་འབྲེལ་རྒྱལ་ཚོགས་དང་བྷུར་ཀི་ན་ཕ་སོ།


མ་འོངས་པར་ཟླ་བ་དྲུག་རིང་ཨཧཕ་རི་ཀའི་ནུབ་ཕྱོགས་ཡུལ་གྲུ་བུར་ཀི་ན་ལ་ཆུ་ལོག་གི་་གནོད་སྐྱོན་བྱུང་བའི་མི་གྲངས་སྟོང་ཕྲག་མང་པོའི་ཚེ་སྲོག་བསྐྱོབ་རྒྱའི་ལས་དོན་ཁག་གི་ཆེད་དུ་ཨ་སྒོར་ས་ཡ། ༡༤ ལྷག་དགོས་རྒྱུར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འབོད་བསྐུལ་གནང་བཞིན་ཡོད་པ་དང་དུས་མཚུངས་་ ཕྱི་ཟླ་བདུན་པ་དང་བརྒྱད་པའི་ནང་ཆུ་ལོག་ཤུགས་ཆེན་བྱུང་བའི་རྐྱེན་གྱིས་མི་གྲངས་ཆིག་འབུམ་ལྷག་གི་འཚོ་ཐབས་ཀྱི་ཆ་རྐྱེན་ཁག་དང་་ མི་ཚེར་གནོད་སྐྱོན་ཚབས་ཆེན་བྱུང་ཡོད་ལུགས་རོགས་སྐྱོབ་ལྷན་ཁང་ཚོས་གསུངས་ཡོད་པའི་སྐོར༌། ཡོ་རོབ་ཀྱི་རྒྱལ་ཁབ་སུ་ཛ་ལེན་ཊའི་གྲོང་ཁྱེར་ཇི་ནི་ཝ་ནས་ནས་ཝི་ཨོ་ཨེ་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ། ལི་ས། ཤི་ལིན་གྱིས་བཏང་བའི་གནས་ཚུལ་ཞིག་ཀརྨ་རྒྱལ་མཚན་གྱིས་ཕབ་བསྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།

XS
SM
MD
LG