ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱལ་ཚོགས་ཀྱིས་ཨེ་ཤི་ཡ་དང་ཞི་བའི་རྒྱ་མཚོའི་མངའ་ཁུལ་གྱི་ཡུལ་གྲུ་ཁག་དཔལ་འབྱོར།


ཨེ་ཤི་ཡ་དང་ཞི་བའི་རྒྱ་མཚོའི་མངའ་ཁུལ་གྱི་ཡུལ་གྲུ་ཁག་དཔལ་འབྱོར་གྱི་ཐད་མཉམ་འབྲེལ་བྱེད་ཤུགས་ཆེ་རུ་དང་ མྱུར་དུ་གཏོང་རྒྱུ་དེ་ནི་ དེང་སྐབས་འཛམ་གླིང་སྤྱིའི་དཔལ་འབྱོར་གྱི་གནས་སྟངས་བསྲ་བརྟན་མེད་པའི་དཀའ་ངལ་ལ་གདོང་ལེན་བྱ་རྒྱུ་དང་ ཨེ་ཤི་ཡེའི་དཔལ་འབྱོར་འཕེལ་ཚད་བསྲ་བརྟན་དུ་གཏོང་རྒྱུར་དགོས་ངེས་ཅན་ཞིག་ཆགས་ཡོད་ཅེས་ འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཐོ་རིམ་ལས་སྣེ་ཚོས་གསུང་གི་ཡོད་ཅིང་ ཁོང་ཚོས་ད་དུང་ ཨེ་ཤི་ཡ་དང་ཞི་བའི་རྒྱ་མཚོའི་མངའ་གྱི་ཡུལ་གྲུ་ཁག་ལ་ རང་གི་དངོས་ཟོག་རྣམས་ཡར་ཐོན་ཅན་གྱི་རྒྱལ་ཁབ་ལ་ཕྱིར་ཚོང་བྱས་པ་ཁོ་ནའི་བརྒྱུད་ནས་ རང་གི་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུའི་རེ་བ་མ་བྱས་པར་ དེ་མིན་གྱི་བྱ་ཐབས་གཞན་ལག་བསྟར་བྱེད་དགོས་པའི་རྒྱུད་སྐུུལ་ཡང་གནང་གི་ཡོད་པའི་སྐོར་ འདི་ག་རླུུང་འཕྲིན་ཁང་གི་གསར་འགོད་པ་རཱོན་ ཀོར་བྷེན་གྱིས་སྤེལ་བའི་གནས་ཚུལ་ཞིག་ དཔལ་མོ་མཁས་གྲུབ་ཀྱིས་ཕབ་བསྒྱུར་དང་སྙན་སྒྲོན་ཞུ་གི་རེད།

XS
SM
MD
LG