ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

སྲིད་འཛིན་ཨོ་བྷ་མས་ཡུཀ་རེན་གྱི་སྲིད་བློན་ལ་མཇལ་འཕྲད།


ཨ་རིའི་སྲིད་འཛིན་ཨོ་བྷ་མ་དང་ཡུཀ་རེན་གྱི་སྲིད་བློན་ཡ་ཚེན་ཡུཀ་གཉིས་ཕོ་བྲང་དཀར་པོར་ཐུག་འཕྲད་བྱས་ཏེ། ཁོང་ཚོས་ཡུཀ་རེན་གྱི་ཆབ་སྲིད་བརྟན་བརླིང་མེད་པ་དེར་བཀའ་མོལ་ལྷུག་པོ་གནང་བ་དང་། ཨ་མི་རི་ཀས་ཡུཀ་རེན་གྱི་མངའ་ཁོངས་གོང་བུ་གཅིག་གྱུར་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་མ་ཟད། ར་ཤི་ཡའི་གཞུང་གིས་དམག་བཏང་ནས་ཡུཀ་རེན་གྱི་ཁེ་རི་མཱི་ཡ་རང་སྐྱོང་ས་གནས་བཙན་འཕྲོག་བྱས་པར་སྐྱོན་བརྗོད་དྲག་པོ་བྱས་པ་དང་། གཟའ་ཉི་མ་འདིར་ར་ཤི་ཡའི་གཞུང་གིས་ཁེ་རི་མཱི་ཡའི་མི་དམངས་ལ་རང་གི་ས་གནས་དེ་ར་ཤི་ཡའི་མངའ་ཁོངས་སུ་ཟླ་སྒྲིལ་བྱེད་པའམ། ཡང་ན་ས་གནས་དེ་སྔར་བཞིན་ཡུཀ་རེན་གྱི་མངའ་འོག་ཏུ་འདུག་ཡིན་མིན་མང་མོས་འོས་འདེམས་ཇི་ལྟར་བྱས་ཀྱང་ཁྱད་པར་མེད། ཨ་མི་རི་ཀས་ར་ཤི་ཡའི་བཀོད་འདོམས་འོག་གི་ཁེ་རི་མཱི་ཡའི་མང་མོས་འོས་འདེམས་ལ་ནམ་ཡང་ངོས་ལེན་བྱེད་རྒྱུ་མིན་ཞེས་སྲིད་འཛིན་ཨོ་བྷ་མས་ནན་བརྗོད་བྱས་ཡོད་པ་རེད།།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG