ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཟིང་འཁྲུག་ཞི་འཇགས་གཏོང་བའི་ནུས་པ་མེད་པ།


དེ་རིང་ཡུའུ་ཁི་རེན་གྱི་བར་བརྒལ་སྲིད་གཞུང་གི་སྲིད་འཛིན་གྱིས་བརྗོད་ན། ར་ཤི་ཡའི་ཕྱོགས་གཏོགས་ཡུལ་དམག་རྣམས་ཀྱིས་བཙན་བཟུང་བྱེད་པའི་ཡུའུ་ཁི་རེན་གྱི་ཤར་པྱོགས་ས་ཁུལ་གཉིས་ཀྱི་ནང་དུ། ཞི་འཇགས་གཏོང་བར་གཞུང་ཕྱོགས་དཔུང་དམག་གི་ནུས་པ་མེད་པར་ངོས་ལེན་བྱས་འདུག་ཅིང་ཡིན་ན་ཡང་ཡུའུ་ཁི་རེན་གྱིས་ད་ལྟ་གྱེན་ལངས་ཡུལ་དམག་གི་ཟིང་འཁྲུག་ཁྱབ་བརྡལ་དུ་འགྲོ་རྒྱུ་བཀག་སྡོམ་བྱ་རྒྱུའི་གྱི་ཐབས་ཤེས་བྱེད་བཞིན་པ་རེད་ལ། ཡང་ཡུལ་དམག་གིས་བཙན་བཟུང་བྱེད་སའི་ས་ཁུལ་དེ་ཚོའི་ནང་གི་མི་སེར་གྱི་བདེ་སྲུང་ལ་འགན་ལེན་བྱེད་ཐུབ་མེད་པ་དང་། གྱེན་ལངས་ཡུལ་དམག་རྣམས་འཇིགས་སྐུལ་དྲག་སྤྱོད་ཚོགས་པ་དང་མཉམ་ལས་བྱེད་བཞིན་པ་་སོགས་ཀྱི་སྐོར་ཚེ་རིང་སྐྱིད་ཀྱིས་སྙན་སྒྲོན་ཞུ་རྒྱུ་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG