༧གོང་ས་མཆོག་གིས་དྲྭ་ལམ་བརྒྱུད་དབྱིན་ཇིའི་ཉེན་རྟོག་པར་བཀའ་སློབ།
དེ་རིང་ཕྱི་ཟླ་༧ ཚེས་༨ ཉིན་དབྱིན་ཡུལ་གྱི་དྲན་པ་ཉེར་བཞག་སྦྱོང་བརྡར་ཁང་གིས་ཇི་ལྟར་གསོལ་བ་བཏབ་པ་བཞིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཉེན་རྟོག་སྐོར་སྲུང་བ་༡༠༠༠་ལྷག་དང་འབྲེལ་ཡོད་ལས་བྱེད་ཚོར་དྲྭ་ལམ་བརྒྱུད་བྱམས་བརྩེ་ཉམས་ལེན་བྱེད་ཕྱོགས་ཀྱི་ལམ་སྟོན་བཀའ་སློབ་གནང་བ་རེད།