ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨ་རིས་རྒྱ་ནག་གི་གཞུང་འབྲེལ་མི་སྣ་༡༤་ལ་ཉེས་ཆད་བཅད་པ།


༄༅།། ཟླ་བ་སྔོན་མར་རྒྱ་ནག་གཞུང་གིས་ཧོང་ཀོང་མི་དམངས་ཀྱིས་དམངས་གཙོའི་ལམ་ནས་འོས་འདེམས་བྱས་པའི་ཕྱོགས་འགལ་ཚོགས་པའི་གྲོས་ཚོགས་འཐུས་མི་ཁག་ཅིག་བརྩི་མེད་བཏང་བར་ཨ་མི་རི་ཀའི་གཞུང་གིས་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་པར་མ་ཟད། ཧོང་ཀོང་གི་གྲོས་ཚོགས་འཐུས་མི་བརྩི་མེད་བཏང་བའི་ཐག་གཅོད་དེར་འབྲེལ་བ་ཡོད་པའི་རྒྱ་ནག་གི་གཞུང་འབྲེལ་མི་སྣ་༡༤་ལ་གཟའ་ཟླ་བའི་ཉིན་དཔལ་འབྱོར་དང་འགྲུལ་བཞུད་བཀག་སྡོམ་གྱི་ཉེས་ཆད་བཅད་པའི་གསལ་བསྒྲགས་སྤེལ་ཡོད་ཅིང་། རྒྱ་ནག་གཞུང་གིས་ཨ་མི་རི་ཀར་ཡ་ལན་སློག་ངེས་ཡིན་ཞེས་གཟའ་མིག་དམར་ཉིན་གསལ་བསྒྲགས་བྱས་ཡོད་པའི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་རྣམས་དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG