ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

བཞི་འབྲེལ་རྒྱལ་ཁབ་ཀྱི་འགོ་ཁྲིད་ཚོའི་ཐུག་འཕྲད་བཀོད་སྒྲིག


༄༅།། ཉི་ཧོང་གི་དུས་བབ་ཚགས་པར་སོགས་ལ་གནས་ཚུལ་ཐོན་པ་ལྟར་ན། ཨ་མི་རི་ཀའི་སྲིད་འཛིན་ཇཱོ་བྷ་ཌན་གྱིས་ལོ་འདིའི་ཕྱི་ཟླ་༩་པའི་ཟླ་མཇུག་ཏུ་ཨ་མི་རི་ཀ་དང་ཉི་ཧོང་། ཨོ་གླིང་དང་རྒྱ་གར་བཅས་བཞི་འབྲེལ་རྒྱལ་ཁབ་ཀྱི་ཆེས་མཐོའི་འགོ་ཁྲིད་ཚོ་ལྷན་འཛོམ་གྲོས་མོལ་བྱ་རྒྱུ་དེར་བཀོད་སྒྲིག་བྱེད་ཀྱི་ཡོད་ཅིང་། གལ་སྲིད་འཆར་གཞི་དེ་མངོན་དུ་འགྱུར་ན་རྒྱ་གར་ནས་ཞི་བདེ་རྒྱ་མཚོའི་བར་གྱི་དམངས་གཙོའི་སྟོབས་ལྡན་རྒྱལ་ཁབ་བཞིའི་དབུ་ཁྲིད་རྣམས་ཐེངས་དང་པོར་ཞལ་འཛོམས་ཀྱིས་རྒྱ་ནག་ལ་འགྲན་རྩོད་དང་གདོང་ལེན་བྱེད་ཕྱོགས་སུ་གྲོས་སྡུར་གནང་རྒྱུ་ཡིན་པའི་སྐོར། ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པས་སྤེལ་བའི་གནས་ཚུལ་དེ་བདེ་ཆེན་རྒྱ་མཚོས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG