ངོ་འཕྲད་བདེ་བའི་དྲ་འབྲེལ།

བྷ་ཌན་དང་ཞིས་ཅིན་ཕིང་གཉིས་ཐུག་འཕྲད་འབྱུང་སྲིད་པའི་རྟགས་མཚན།


༄༅།། བདུན་ཕྲག་རྗེས་མར་ཨ་མི་རི་ཀའི་མཐོ་རིམ་ཕྱི་འབྲེལ་མི་སྣ་ཞིག་རྒྱ་ནག་ལ་ཕེབས་ཀྱི་ཡོད་པར་གཞིགས་ཚེ། སྲིད་འཛིན་ཇཱོ་བྷ་ཌན་དང་ཞིས་ཅིན་ཕིང་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་རིམ་པའི་ཐུག་འཕྲད་གྲོས་མོལ་ཞིག་འབྱུང་སྲིད་པའི་རྟགས་མཚན་ཡིན་ཞིང་། ཨ་རིའི་མཐོ་རིམ་ཕྱི་འབྲེལ་མི་སྣ་དེ་སྔོན་འགྲོའི་གྲ་སྒྲིག་ཆེད་དུ་རྒྱ་ནག་ལ་ཕེབས་ཀྱི་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་པར་མ་ཟད། ཨ་རྒྱའི་འབྲེལ་བ་ཡར་རྒྱས་གཏོང་བར་སྔ་མོ་ནས་སྲིད་གཞུང་གཉིས་ཀྱི་བར་དུ་ཛ་དྲག་གི་ཁ་པར་འབྲེལ་ལམ་མཐུད་དགོས་པའི་གྲོས་གཞི་བཏོན་ཡོད་པ་བྷ་ཌན་གྱི་སྲིད་གཞུང་གིས་ལག་ལེན་བསྟར་དགོས་མིན་བསམ་ཞིབ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་ཤོག་ཁག་ལ་ཐོན་པའི་གནས་ཚུལ་རྣམས་ནམ་མཁའ་བསྟན་འཛིན་གྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་རྒྱུ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG