ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རི་གོ་ལའི་གནམ་གཤིས་གྲོས་མཐུན་ཁོངས་ནས་དངོས་སུ་ཕྱིར་འཐེན།


༄༅།། གོ་ལའི་གནམ་གཤིས་འགྱུར་ལྡོག་གི་གནད་དོན་ལ་གདོང་ལེན་བྱེད་པར་རྒྱལ་སྤྱིའི་གྲོས་མཐུན་ཞིག་བཞག་ཡོད་པ་དེའི་ཁོངས་ནས་ཨ་མི་རི་ཀ་ཕྱིར་འཐེན་བྱ་རྒྱུ་ཡིན་ཞེས་སྲིད་འཛིན་ཌོ་ནལ་ཊམ་གྱིས་སྔོན་ནས་ཐག་གཅོད་བྱས་ཟིན་ཡོད་ཅིང་། ད་ལྟ་ཨ་མི་རི་ཀ་དངོས་སུ་རྒྱལ་སྤྱིའི་གྲོས་མཐུན་དེའི་ཁོངས་ནས་ཕྱིར་འཐེན་བྱས་ཡོད་པས་རྒྱ་ནག་གིས་རྒྱལ་སྤྱིའི་སྒྲིག་འཛུགས་དེར་འགོ་ཁྲིད་བྱ་རྒྱུའི་འདུན་པ་བསྟན། རྒྱལ་སྤྱིའི་གྲོས་མཐུན་དེར་མིང་རྟགས་འགོད་མཁན་རྒྱལ་ཁབ་༡༩༧་བྱུང་ཡོད་པ་དེའི་ཁོངས་ནས་ཨ་རི་མ་གཏོགས་རྒྱལ་ཁབ་གཅིག་ཀྱང་ཕྱིར་འཐེན་བྱས་མེད་པ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལས་དོན་དེ་མུ་མཐུད་དུ་བསྒྲུབ་རྒྱུའི་གླེང་སློང་བྱེད་ཀྱི་ཡོད་པ་སོགས་ཀྱི་སྐོར། ཡེ་ཤེས་རྡོ་རྗེ་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གནང་གི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG